新闻热线 0891-6325020

客户端

数字报系

手机报

新媒体群
您当前的位置:西藏新闻网 > 新闻 > 西藏要闻

拉萨市停办藏历年前及期间有信众参与的大型传统惯例宗教活动

2020年02月10日 11:04    来源:拉萨发布    
分享到:    

སྤྱི་བསྒྲགས།

公 告

མིག་སྔར་རང་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་འགག་རྩའི་དུས་སྐབས་ལ་སླེབས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབས་ཆེའི་ཐུན་མོང་འཕྲོད་བསྟེན་གནས་ཚུལ་Iརིམ་པར་གཞོགས་འདེགས་བྱེད་པའི་སྤྱི་བསྒྲགས་གཞིར་བཟུང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་། གཟུགས་གཞི་བདེ་ཐང་གི་ཆེད། རང་གྲོང་ཁྱེར་གྱི་དགོན་སྡེ་ཁག་གིས་རང་འགུལ་ངང་གྲོས་འགོ་བཏོན་ཞིང་། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་འཇུག་ནན་ཏན་བྱས་པ་བརྒྱུད། སེ་ར་ཕུར་མཇལ་དང་། མཚུར་ཕུ་དགོན་གྱི་སྒར་ཆེན་དགུ་གཏོར། ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེའི་ལོ་གསར་ཚེས་གཅིག་གི་ཆོས་མཇལ། འབྲས་སྤུངས་དགོན་གྱི་ཚེས་གཉིས་ཀྱི་གནས་ཆུང་ལྷ་གསོལ་སོགས་མི་དམངས་མང་ཚོགས་གཅིག་སྡུད་འདུ་འཛོམས་བྱེད་པའི་སྲོལ་རྒྱུན་གྱི་འཆར་ཅན་ཆོས་ལུགས་བྱེད་སྒོ་ཁག་ནི་དད་ལྡན་མང་ཚོགས་མང་བ་དང་། ས་གནས་བརྒལ་བའི་འཁོར་རྒྱུགས་ཆེ་བ། བྱེད་སྒོའི་དུས་ཡུན་རིང་བ། གཅིག་སྡུད་འདུ་འཛོམས་ཆེ་བའི་བྱེད་སྒོ་ཆེན་མོ་ཤ་སྟག་ཡིན་སྟབས། རིམས་ནད་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ་བའི་རྐྱེན་གྱིས། ལོ་གསར་སྔོན་དང་ལོ་གསར་རིང་གི་དད་ལྡན་མང་ཚོགས་འདུ་འཛོམས་བྱེད་པའི་སྲོལ་རྒྱུན་ཆོས་ལུགས་བྱེད་སྒོ་འདི་དག་མཚམས་འཇོག་བྱེད་རྒྱུ་ཡིན། རང་གྲོང་ཁྱེར་གྱི་དགོན་པ་ཁག་གི་ལོ་གསར་མཆོད་མཇལ་དང་། དར་ཆེན་སྐུ་བཞེངས། སྨོན་ལམ་ཆེན་མོ་སོགས་སྲོལ་རྒྱུན་ཆོས་ལུགས་བྱེད་སྒོ་ཁག་བདེ་འཇགས་འགན་སྲུང་ཐུབ་པའི་ཆ་རྐྱེན་འོག  དུས་ཡུན་ཐུང་དུ་གཏོང་བ་དང་། གཞི་རྒྱ་ཆུང་དུ་གཏོང་བའི་ལམ་ནས་དགོན་པ་ནང་ཁུལ་དུ་སྤེལ་བ་ལས། དད་ལྡན་མང་ཚོགས་གཏོང་རྒྱུ་མ་ཡིན་པས།

当前,我市新型冠状病毒感染的肺炎疫情防控工作正处在关键时期。根据《中华人民共和国传染病防治法》《西藏自治区人民政府关于启动重大突发公共卫生事件Ⅰ级响应的公告》,为切实保障广大信众和教职人员的生命安全和身体健康,经我市各寺庙主动提议、市佛协慎重研究决定:色拉寺“色拉崩坚”、楚布寺“楚布嘎钦古朵”、大昭寺及小昭寺藏历新年初一朝拜、哲蚌寺藏历新年初二“乃琼拉索”等有信众参与的大型传统惯例宗教活动,鉴于参与信众多、跨区域流动性强、持续时间长、且属于大型聚集性活动,疫情交叉感染及传播的风险极大,故今年停办上述我市藏历年前及期间有信众参与的大型传统惯例宗教活动。我市各寺庙藏历新年祈福、立经杆和传召法会等传统惯例宗教活动,压缩时间和规模,确保安全的前提下,寺庙内部举办,不对信众开放。

རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་དགོངས་བཞེས་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་ལ། ཕན་ཚུན་བརྡ་ལན་སྤྲོད་གནང་རོགས་ཞུ་རྒྱུ་དང་བཅས།

敬请广大信众予以谅解支持,并相互告知。

ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

特此公告

ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ནས།

拉萨市佛教协会

སྤྱི་ལོ་2020ལོའི་ཟླ་བ་2པའི་ཚེས་7ཉིན།

2020年2月7日

责任编辑:央宗    

关于我们联系我们 丨集团招聘丨 法律声明隐私保护服务协议广告服务

中国西藏新闻网版权所有,未经协议授权,禁止建立镜像

制作单位:中国西藏新闻网丨地址:西藏自治区拉萨市朵森格路36号丨邮政编码:850000 丨邮箱:postmaster@chinatibetnews.cn

备案号:藏 ICP 备09000733号丨公安备案:54010202000003号 丨广电节目制作许可证:(藏)字第00002号丨 新闻许可证54120170001号丨网络视听许可证2610590号