新闻热线 0891-6325020

数字报系

移动端
您当前的位置:西藏新闻网 > 政务

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རི་ཁུལ་དུ་མི་བསད་པའི་གྱོད་གཞི་གཉིས་བསྡུམས་པ།

2016年09月30日 04:34    来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    记者 admin
分享到:    

ཉེ་ཆར། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྐང་བཙུགས་ནས་གནོད་སྐྱོན་བཏང་བའི་གྱོད་གཞི་གཉིས་པོར་ཞུ་སྦྱོར་ཕྱི་མས་ནག་ཉེས་བསགས་པ་གཏན་འཁེལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཉེས་དོན་ཁྲོད་དུ་དམངས་དོན་ཞར་ཞོར་འདུམ་འགྲིག་གི་བརྒྱུད་རིམ་སྤྱད་ཡོད། ཕྱོགས་གསུམ་པའི་འདུམ་འགྲིག་ནུས་པ་འདོན་སྤེལ་བྱས་པ་བརྒྱུད་རྐང་བཙུགས་ནས་གནོད་སྐྱོན་བཏང་བའི་གྱོད་གཞི་གཉིས་ཀྱི་ཞུ་སྦྱོར་ཕྱི་མ་དང་གནོད་འཚེ་ཕོག་མཁན་གྱི་ནང་མིའི་དབར་གྱི་འཁོན་སེམས་སེལ་བ་དང་འབྲེལ་གུན་གསབ་གྲོས་མཐུན་ཡི་གེ་བཞག་ནས་འགལ་ཟླ་ནུས་ལྡན་ངང་སེལ་བ་མ་ཟད། ཉེས་དོན་ཁྲིམས་འཛིན་འདུམ་འགྲིག་གི་སྤྱི་ཚོགས་ཕན་འབྲས་ཀྱང་ཐོན་ཡོད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཕྱོགས་གསུམ་པ་བརྒྱུད་འདུམ་འགྲིག་བྱས་པའི་གྱོད་གཞི་གཉིས་པོ་སྟེ། གཅིག་ནི་ཞུ་སྦྱོར་ཕྱི་མ་རིག་ཆེ་གེ་མོ(ཕ་ཡུལ་ཆབ་མདོ་ནས་ཡིན་པ)དང་གནོད་འཚེ་ཕོག་མཁན་བསམ་ཆེ་གེ་མོ(ཕ་ཡུལ་ཆབ་མདོ་ནས་ཡིན་པ)ཁྱིམ་མཚེས་ཡིན་ནའང་། ཁང་པའི་ས་ཆའི་རྒྱ་ཁྱོན་བཟུང་སྤྱོད་གནད་དོན་ཐད་རྩོད་པ་ཤོར་བས་རིག་ཆེ་གེ་མོས་ལུས་ཐོག་གི་གྲི་བཏོན་ཏེ་བསམ་ཆེ་གེ་མོ་རྐང་བཙུགས་ནས་བསད་པའི་གྱོད་གཞི་ཞིག་དང་། གཅིག་ཤོས་ནི་ཞུ་སྦྱོར་ཕྱི་མ་ཕུན་ཆེ་གེ་མོ་ར་བཟི་ནས་རྒྱུ་མཚན་མེད་པར་གནོད་འཚེ་ཕོག་མཁན་ཚེ་ཆེ་གེ་མོར་བསྙད་རྐོ་བ་དང་ཕུན་ཆེ་གེ་མོས་ལུས་ཐོག་གི་གྲི་བཏོན་ནས་ཚེ་ཆེ་གེ་མོ་རྐང་བཙུགས་ནས་བསད་པའི་གྱོད་གཞི་ཞིག་ཡིན། གྱོད་གཞིའི་གནོད་འཚེ་ཕོག་མཁན་གྱི་ནང་མི་ཚང་མ་ལུང་ཁུག་རི་ཁུལ་ནས་ཡིན་པ་དང་། རིག་གནས་ཆུ་ཚད་དམའ་བ། ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པ་བཅས་ལ་དམིགས་ནས་འདྲི་གཅོད་ཁྲིམས་དཔོན་གྱིས་འདུམ་འགྲིག་བྱེད་ནུས་དང་ཁ་ཕྱོགས་དེ་ཕྱོགས་གཉིས་པོའི་དོ་བདག་གི་ཁས་ལེན་ཐུབ་པའི་ཕྱོགས་གསུམ་པ་སྟེ། ས་གནས་དེ་གར་བཅའ་སྡོད་ལས་དོན་རུ་ཁག་དང་དོ་བདག་གི་ནང་མི་དང་སྤུན་མཆེད་དུ་བཞག་པ་དང་། དོ་བདག་རང་ཉིད་ཀྱིས་འདུམ་འགྲིག་གཙོ་བོར་བྱེད་པ་དང་ཁྲིམས་དཔོན་གྱིས་ཁྲིད་སྟོན་བྱ་རྒྱུ་གཞོགས་འདེགས་བྱེད་པའི་གཏུག་བཤེར་འདུམ་འགྲིག་བྱེད་སྟངས་སྤྱད་དེ་ཕྱོགས་གསུམ་པ་ཞོར་འབྲེལ་དམངས་རྩོད་གྱོད་གཞིའི་གྲོས་དོན་འདུམ་འགྲིག་ནང་གང་ལེགས་ཞུགས་ཐུབ་པ་བྱས་ནས་གནོད་འཚེ་ཕོག་མཁན་དང་འབྲེལ་གཏུག་བྱེད་དུ་བཅུག་སྟེ་འདུམ་འགྲིག་གི་ཕན་ནུས་ཐོན་པ་བྱས་ཡོད།

མཐར་ཕྱོགས་གསུམ་པས་རང་འགུལ་ངང་ཞུགས་པ་དང་། དོ་བདག་རང་ཉིད་ཀྱིས་འདུམ་འགྲིག འདྲི་གཅོད་ཁྲིམས་དཔོན་གྱིས་ངོ་ཐུག་གདོང་འཕྲད་ཀྱི་ཁྲིམས་ལུགས་གསལ་བཤད་བྱས་པ་བཅས་བརྒྱུད་ཉེས་དོན་ཁྲོད་དུ་དམངས་དོན་ཞར་ཞོར་གཏུག་བཤེར་གྱོད་གཞི་གཉིས་ཁྲིམས་ཐག་མ་བཅད་གོང་བདེ་བླག་ངང་འདུམ་འགྲིག་ཐུབ་པ་དང་འབྲེལ་ཕྱོགས་གཉིས་པོའི་དོ་བདག་དབར་བཞག་པའི་གུན་གསབ་གྲོས་དོན་ཡི་གེ་དང་དེ་བཞིན་དགོངས་སེལ་ཡི་གེ་གཉིས་དངོས་འབྲེལ་ཡིན་མིན་ལ་ཞིབ་དཔྱད་དང་གཏན་འཁེལ་བྱས་ནས་ཕྱོགས་གཉིས་པོའི་འགལ་ཟླ་སེལ་བ་དང་། ཕྱོགས་གཉིས་པོའི་དོ་བདག་གི་འཁོན་སེམས་ནུས་ལྡན་ངང་སེལ་བ། སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོན་པ་བཅས་བྱས་ཡོད།

相关阅读

    关于我们联系我们 丨集团招聘丨 法律声明隐私保护服务协议广告服务

    中国西藏新闻网版权所有,未经协议授权,禁止建立镜像

    制作单位:中国西藏新闻网丨地址:西藏自治区拉萨市朵森格路36号丨邮政编码:850000

    备案号:藏ICP备09000733号丨公安备案:54010202000003号 丨广电节目制作许可证:(藏)字第00002号丨 新闻许可证54120170001号丨网络视听许可证2610590号